Category: Uncategorized

འབྲུག་སྤྱི་མཐུན་ལ་ནོར་མཉམ་ལ་ཚོགས་སྡེའི་ཡོངས་ཁྱབ་ཞལ་འཛོམས་ཐེངས་གསུམ་པ།

སྤྱི་ཚེས་༡༣-༠༦-༢༠༢༣ ལས་ ༡༤-༠༦-༢༠༢༣ ཚུན་ཉིན་གྲངས་གཉིས་ཀྱི་རིང་ལུ་ བུམ་ཐང་རྫོང་ཁག་ ཕུན་ཚོགས་མགྲོན་ཁྱིམ་ནང་ལུ་ འབྲུག་ལ་ནོར་སྤྱི་མཐུན་མཉམ་ལས་ཚོགས་སྡེའི་བཀོད་ཚོགས་ཀྱི་འཐུས་མི་ཚུ་གིས་ལོ་ལྟར་ཡོངས་ཁྱབ་ཞལ་འཛོམས་གནང་བའི་སྐབས་ རྒྱལ་ཡོངས་ས་ཁ་མཐོ་སའི་ལས་རིམ་མདོ་ཆེན་དང་འགོ་དཔོན་ཚུ་ དེ་ལས་ས་ཁ་མཐོ་སའི་རྫོང་ཁག་༡༠ ནང་ལས་ སྒོ་ནོར་འགོ་དཔོན་དང་འཐོན་སྐྱེ་འགོ་དཔོན་ཚུ་ རྒྱལ་ཡོངས་ཞིབ་འཚོལ་ལྟེ་བའི་ལས་རིམ་མདོ་ཆེན་དང་ རྒྱལ་ཡོངས་རྩྭ་ཆག་ལྟེ་བ་ལས་འགོ་དཔོན་ཚུ་ གཞན་ཡང་སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ནང་ལས་ འགོ་དཔོན་ལེ་ཤ་ཅིག་གིས་ལྷན་བཞུགས་མཛད་གནང་ཡི། ཞལ་འཛོམས་ཀྱི་སྐབས་ སྤྱི་ལོ་༢༠༢༢-༢༠༢༣ ལོའི་ ལ་ནོར་གཡག་གི་མཉམ་ལས་ཚོགས་སྡེའི་གྲུབ་འབྲས་སྙན་ཞུ་དང་གདོང་ལེན་བྱུང་ཡོད་མི་ཚུ་གསལ་ཞུ་འབད་ཡོདཔ་མ་ཚད་ ༢༠༢༣-༢༠༢༤ གི་ལ་ནོར་མཉམ་ལས་ཚོགས་སྡེའི་འཆར་གཞི་ མཉམ་ལས་ཚོགས་སྡེ་རེ་ལུ་འཐོན་སྐྱེད་རེ་ཟེར་བའི་བརྗོད་དོན་ལུ་ འཆར་གཞི་བརྩམས་ཚར་ཡོདཔ་ཨིན་ ད་ལས་ཕར་འབྲུག་སྤྱི་མཐུན་ལ་ནོར་མཉམ་ལས་ཚོགས་སྡེའི་ཡིག་ཚང་དེ་ཡང་ བུམ་ཐང་རྫོང་ཁག་ནང་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ རྒྱལ་ཡོངས་ས་ཁ་མཐོ་སའི་ཡིག་ཚང་ཡོད་སར་སྤོ་ནི་སྦེ་གྲོས་ཐག་ཆོད་ཡོད་པའི་ཁར་ ཡོངས་ཁྱབ་ཞལ་འཛོམས་ཐེངས་བཞི་པ་འདི་ཡང་ སྤྱི་ལོ་༢༠༢༤ སྤྱི་ཟླ་༢ པའི་ནང་ལུ་འགོ་འདྲེན་འཐབ་ནི་འབད་གྲོས་ཆོད་བྱུང་ཡོདཔ་ཨིན་ དེའི་སྐབས་ འབྲུག་སྤྱི་མཐུན་མཉམ་ལས་ཚོགས་སྡེའི་འཛིན་སྐྱོང་གི་འཐུས་མི་བཙག་འཐུ་འབད་ནི་དང་ གཞན་ཡང་འཆར་གཞི་དང་བསྟུན་པའི་གྲུབ་འབྲས་ཚུ་གུར་གསུངས་གྲོས་གནང་ནི་ཨིནམ་མ་ཚད་ མ་དངུལ་གྱི་གསོག་འཇོག་དང་ཟས་རྩིས་ཚུ་ཡང་ཡོངས་ཁྱབ་ཞལ་འཛོམས་ཀྱི་སྐབས་ཁ་གསལ་འབད་མཉམ་ལས་ཚོགས་སྡེ་རེ་རེ་དང་འབྲུག་སྤྱི་མཐུན་ལ་ནོར་མཉམ་ལས་ཚོགས་སྡེའི་ཧོངས་ལས་ཚོགས་དམངས་ལུ་སྙན་ཞུ་ཁ་གསལ་འབད་ཕུལ་ནིའི་ཞལ་འཆམ་བྱུང་ཡོད་པའི་གནས་ཚུལ།

Loading

Read more

𝐒𝐚𝐫𝐩𝐚𝐧𝐠 𝐚𝐧𝐝 𝐓𝐫𝐚𝐬𝐡𝐢𝐠𝐚𝐧𝐠 𝐛𝐞𝐜𝐨𝐦𝐞 𝐭𝐡𝐞 𝟗𝐭𝐡 𝐚𝐧𝐝 𝟏𝟎𝐭𝐡 𝐃𝐳𝐨𝐧𝐠𝐤𝐡𝐚𝐠𝐬 𝐭𝐨 𝐚𝐜𝐡𝐢𝐞𝐯𝐞 𝟏𝟎𝟎% 𝐬𝐭𝐞𝐫𝐢𝐥𝐢𝐳𝐚𝐭𝐢𝐨𝐧 𝐨𝐟 𝐟𝐫𝐞𝐞 𝐫𝐨𝐚𝐦𝐢𝐧𝐠 𝐝𝐨𝐠𝐬

Repost – ADPM & RCP_Bhutan 𝟐𝟑 𝐌𝐚𝐲 𝟐𝟎𝟐𝟑: Sarpang and Trashigang become the 9th and 10th Dzongkhags to achieve 100% sterilization of free roaming dogs. Additionally Gelephu Throm achieved 100% sterilization making it the first Throm to achieve 100% sterilization

Loading

Read more