གཡུས་ནོར་གི་སྐོར།

𝘛𝘩𝘦 𝘱𝘳𝘦𝘴𝘦𝘯𝘵 𝘢𝘳𝘵𝘪𝘤𝘭𝘦, 𝘤𝘰𝘮𝘱𝘰𝘴𝘦𝘥 𝘪𝘯 𝘋𝘻𝘰𝘯𝘨𝘬𝘩𝘢 𝘴𝘤𝘳𝘪𝘱𝘵, 𝘢𝘪𝘮𝘴 𝘵𝘰 𝘴𝘱𝘳𝘦𝘢𝘥 𝘢𝘸𝘢𝘳𝘦𝘯𝘦𝘴𝘴 𝘢𝘣𝘰𝘶𝘵 𝘵𝘩𝘦 𝘪𝘯𝘥𝘪𝘨𝘦𝘯𝘰𝘶𝘴 𝘤𝘢𝘵𝘵𝘭𝘦 𝘣𝘳𝘦𝘦𝘥𝘴 𝘰𝘧 𝘉𝘩𝘶𝘵𝘢𝘯. 𝘐𝘵 𝘥𝘦𝘭𝘷𝘦𝘴 𝘪𝘯𝘵𝘰 𝘵𝘩𝘦𝘪𝘳 𝘩𝘪𝘴𝘵𝘰𝘳𝘪𝘤𝘢𝘭 𝘴𝘪𝘨𝘯𝘪𝘧𝘪𝘤𝘢𝘯𝘤𝘦 𝘢𝘯𝘥 𝘵𝘩𝘦𝘪𝘳 𝘤𝘳𝘶𝘤𝘪𝘢𝘭 𝘳𝘰𝘭𝘦 𝘪𝘯 𝘣𝘦𝘯𝘦𝘧𝘪𝘵𝘪𝘯𝘨 𝘥𝘢𝘪𝘳𝘺 𝘧𝘢𝘳𝘮𝘦𝘳𝘴 𝘵𝘩𝘳𝘰𝘶𝘨𝘩𝘰𝘶𝘵 𝘵𝘩𝘦 𝘤𝘰𝘶𝘯𝘵𝘳𝘺, 𝘢 𝘵𝘳𝘢𝘥𝘪𝘵𝘪𝘰𝘯 𝘵𝘩𝘢𝘵 𝘩𝘢𝘴 𝘦𝘯𝘥𝘶𝘳𝘦𝘥 𝘴𝘪𝘯𝘤𝘦 𝘵𝘪𝘮𝘦 𝘪𝘮𝘮𝘦𝘮𝘰𝘳𝘪𝘢𝘭. 𝘛𝘩𝘦 𝘢𝘳𝘵𝘪𝘤𝘭𝘦 𝘸𝘢𝘴 𝘤𝘰𝘯𝘵𝘳𝘪𝘣𝘶𝘵𝘦𝘥 𝘣𝘺 𝐌𝐫. 𝐊𝐢𝐧𝐥𝐞𝐲 𝐑𝐢𝐧𝐜𝐡𝐞𝐧, 𝘋𝘺. 𝘊𝘩𝘪𝘦𝘧 𝘓𝘪𝘷𝘦𝘴𝘵𝘰𝘤𝘬 𝘗𝘳𝘰𝘥𝘶𝘤𝘵𝘪𝘰𝘯 𝘖𝘧𝘧𝘪𝘤𝘦𝘳 𝘢𝘵 𝘵𝘩𝘦 𝘋𝘦𝘱𝘢𝘳𝘵𝘮𝘦𝘯𝘵 𝘰𝘧 𝘓𝘪𝘷𝘦𝘴𝘵𝘰𝘤𝘬.

མིང་གི་རྣམ་གྲངས་ལས་སྦེ་་རུང་ ནུབ་གླང་དང་ གཡུས་ནོར་ མཐའ་ནོར་ ཟེར་སླབ་སྲོལ་ཡོད་པའི་ནོར་གྱི་རིགས་འདི་ རྒྱལ་ཁབ་ནང་ལུ་ནོར་རིགས་རྙིང་ཤོས་ཅིག་ཨིན། དང་ཕུག་ཕམ་ཚུ་གི་སྐབས་ལུ་སྦེ་བ་ཅིན་ མི་ཕྱུགཔོ་ཚུ་གིས་ ནོར་གྱི་བྱང་ས་ལུ་ ནོར་རིགས་འདི་རུ་ཁག་སྦེ་བཞག་དོ་ཡོད་པའི་ཁར་ བ་མེན་ཅིག་ཡང་ཕ་གླང་འབད་བཞགཔ་ཨིན་མས། ནོར་རིགས་འདི་ ཧཱ་རྫོང་ཁག་ནུབ་མཚོ་ན་པ་ཊ་ལས་བྱུང་ཡོད་པའི་ལོ་རྒྱུས་འདུག།

གཏམ་རྒྱུད་ལས་སྦེ་བ་ཅིན་ དེ་ཡང་མི་རབས་ལེ་ཤ་ཅིག་གི་ཧེ་མ་ ཧཱ་རྫོང་ཁག་ གསང་སྦས་ཁ་ལུ་ ནུབ་མཚོ་ན་པ་ཊ་ཀྱི་ཉེ་འདབས་ལུ་ ནོར་རྫིཔ་ཅིག་ནོར་འཚོ་སྡོད་སྡོདཔ་མས་ དེའི་སྐབས་ནོར་རྫིཔ་འདི་གིས་མཚོ་སྨནམ་ལུ་ དྲོ་པ་ཨ་རྟག་ར་ཨོ་ཕུད་ལེགས་ཤོམ་འབད་དྲངསམ་ལས་རྟེན་ ཉིནམ་གཅིག་འབདཝ་ད་ མཚོ་སྨནམ་འདི་གིས་ནོར་ཛིཔ་འདི་ལུ་དངོས་གྲུབ་ཅིག་གནང་གེ་ཟེར་གསུངས་ནུག་ དེ་ལས་ཉིནམ་དག་པ་ཅིག་གི་རྒྱབ་ལས་ མཚོའི་མཐའ་མར་ལས་མཚོ་གླང་འཇའ་ཆི་ཆི་ ག་ནི་བ་ལེགསཔ་ཅིག་འཐོན་འོང་ཞིནམ་ལས་ ནོར་རྫིཔ་འདི་གིས་ནོར་གྱི་གླགས་ཁར་འཛུལ་འོང་ནུག། ནོར་རྫིཔ་འདི་གནམ་མེད་ས་མེད་སེམས་དགའ་སྟེ་མཚོ་གླང་འདི་ལེགས་ཤོམ་སྦེ་བདག་འཛིན་འབད་བའི་ཤུལ་ ཁོ་གིས་ནོར་གྱི་གླགས་ཁར་མཚོ་གླང་དེ་གིས་རིགས་རྒྱུད་ལེ་ཤ་སྤེལ་འགྱོ་ཡོདཔ་མ་ཚད་ གསང་སྦས་གཡུས་ཚན་དང་རྫོང་ཁག་༢༠ ག་རའི་ནང་ལུ་ནོར་རིགས་འདི་དར་ཁྱབ་འགྱོ་ཡོད་པ་ལས་རྟེན་ ད་ལྟོ་བར་ནང་ཡང་གསང་སྦས་ཁའི་མི་རྒན་ཤོས་ཚུ་གིས་སྦེ་བ་ཅིན་ རྒྱལ་ཁབ་ནང་ལུ་ནུབ་གླང་གི་རིགས་རྒྱུད་འདི་ གསང་སྦས་རྒེད་འོག་ནུབ་མཚོ་ན་པ་ཊ་གི་མཚོ་གླང་འདི་ལས་དར་ཁྱབ་འགྱོ་ཡོདཔ་སྦེ་བཤདཔ་ཨིན་མས་ འདི་འབདཝ་ལས་ནོར་རིགས་འདི་ལུ་ནུབ་གླང་ཟེར་དར་ཁྱབ་སོང་ནུག།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་སྙན་ཞུ་༢༠༢༢ དང་འཁྲིལཝ་ད་ རྒྱལ་ཁབ་ནང་ལུ་ ནུབ་གླང་གསོ་སྐྱོང་འཐབ་མི་ཁྱིམ་གུང་པ་ ༡༦༩༦༠ ལུ་ ནུབ་གླང་གི་གྱངས་ཁ་༩༠༨༠༩ ཡོདཔ་ཨིན་མས། ནུབ་གླང་གིས་བཟོ་དབྱིབས་ཀྱི་སྐོར་ལས་ཐུང་ཀུ་ཅིག་འཕྲོ་མཐུད་དེ་བཤད་པ་ཅིན་ ནུབ་གླང་འདི་ཚུ་ལུ་ཕྱུག་གླང་དང་མཐའ་གླང་ཟེར་སླབ་སྲོལ་ཡོདཔ་མ་ཚད་ བ་ཚུ་ལུ་སྦེ་བ་ཅིན་ ཕྲ་བཱམ་དང་གཡུས་བཱ་ཟེར་སླབ་སྲོལ་འདུག། གཟུགས་གི་ཡན་ལག་གི་སྐོར་ལས་བཤད་པ་ཅིན་ གདོང་རིངམ་ རྣམ་ཅོ་དང་རྭཝ་གི་རྩ་བར་སྤུ་ཡང་རིངམོ་ རྣམ་ཅོ་ཀྲོང་ཀྲོང་ རྭཝ་ཉ་གང་ཟླ་བའི་ཚུལ་སྟོན་པ་དང་ ཨོལ་ལྐོག་ཐུང་ཀུ་ ཨོད་ཤལ་ས་ཁར་ལུ་དཔྱངས་ཡོད་པའི་ཁར་ བྱ་ལྷག་ཙེའུ་སྤུབ་སྤུབ་བཟུམ་ མགོ་མཇུག་ལྡནམ་ལྡནམ་ རྐང་ལག་སྟུམ་དྲགས་ སྨིགཔ་གྱུ་རི་རི་ ཨོ་འགག་ལེགས་ཤོམ་སྦེ་སྦྱར་ཡོདཔ་ གཟུགས་ཀྱི་སྤུ་བཀྱག་སྦེ་བ་ཅིན་ དཀར་ནག་ དཀར་ཁྲ་དམར་ཁྲ་དང་བཅས་པ་ སྤྱི་སྙོམས་གཟུགས་ཀྱི་ལྗིད་ཚད་ཀེ་ཇི་༢༤༩ དང་ ཉིནམ་རེ་ལུ་ཨོམ་ལི་ཀྲར་༡.༥ ཐོན་དོ་ཡོདཔ་མ་ཚད་ ནགས་ཚལ་ནང་ལུ་རྩྭ་འཚོལ་བཟའ་བར་འགྱོ་ཚུགས་པའི་ནོར་རིགས་ཅིག་ཨིན། ནོར་རིགས་འདི་ལུ་ གཞན་དང་མ་འདྲ་བའི་ཁྱད་ཆོས་ཡང་ ནུབ་གླང་མ་ཡིན་པའི་ནོར་རིགས་གཞན་བཟུམ་སྦེ་ ནད་གཞི་དང་ན་ཚ་ཡང་མི་ཐོབ། ནུབ་གླང་གི་རིགས་བརྒྱུད་འདི་ ཨའི་དང་ཨཔ་གཉིས་ཆ་རང་གཡུས་ནོར་དང་ནུབ་གླང་ངོ་མ་གཅིག་ཁར་སྦྲགས་པ་ཅིན་ནུབ་གླང་གི་རིགས་བརྒྱད་ངོ་མ་འཐོན་ནི་དང་ ཡང་ན་ ཨའི་འདོད་ཕྲ་གུར་ཨཔ་ནུབ་གླང་ངོ་མ་ཕ་སྦྲགས་པ་ཅིན་ དེའི་བོའུ་ཅུང་ཚུ་ནུབ་གླང་འབད་བརྩི་སྲོལ་ཡོདཔ་ཨིན། ང་བཅས་རང་མི་སེར་ཚུ་གིས་གཡུས་བ་ ཁྲ་བཱམ་གསོ་སྐྱོང་འཐབ་དགོ་མི་འདི་ ཕ་གླང་བ་མེན་སྦྲགས་ཞིནམ་ལས་ ཕྱུག་གུ་རྒྱ་ཚ་དང་རྒྱ་ཚམ་སྟོན་ནི་གི་དོན་ལུ་ཨིན།

ནུབ་གླང་ཉམས་སྲུང་གི་སྐོར།

གནས་རི་གསུམ་མགོན་པའི་བྱིན་རླབས་དང་།།
ནུབ་མཚོ་ན་པ་ཊའི་མཚོ་ཆེན་ལས།།

རྒྱལ་རབས་ཀྱི་རྒྱན་པའི་ཕ་གླང་འདི།།
ནུབ་གསང་སྦས་ཁའི་ནུབ་གླང་ཨིན།།
ནུབ་གསང་སྦས་ཁའི་ནུབ་གླང་འདི།།
ནོར་རིགས་བརྒྱུད་རྒྱས་པའི་ཕ་ནོར་དང་།།
མི་ལོངས་སྤྱོད་བཏགས་པའི་གཡང་ནོར་ཨིན།།
ཕན་སེམས་ལུ་དྲན་ཏེ་ཉམས་སྲུང་མཛད།།
ལུས་རྒྱལ་རབས་ཅན་གྱི་ནུབ་གླང་ལུ།།
ངག་བདེ་བའི་བྱམས་སྐྱོང་འདི་དང་བཅས།།
ཡིད་བྱང་སེམས་ཅན་གྱི་གཟིགས་ཏེ་གིས།།
བདག་འཛིན་གྱི་སྒོ་ལས་ཉམས་སྲུང་མཛད།།

བསྡུ་སྒྲིག་འབད་མི
ཀུན་ལེགས་རིན་ཆེན་ སྒོ་ནོར་འཐོན་སྐྱེད་གཙོ་འཛིན་འགོ་དཔོན་འོག་མ་ སྒོ་ནོར་ལས་ཁུངས།

ནུབ་གླང་ ༼དྲོག་ཊར་ལྷམ་ཚེརིང་གི་པར་མཛོད་ནས༽

ནུབ་གླང་ ༼དྲོག་ཊར་ལྷམ་ཚེརིང་གི་པར་མཛོད་ནས༽

བ་ཐམ་ ༼སངས་རྒྱས་དབངམོ་གི་པར་༽

གཡུས་བ་ ༼སངས་རྒྱས་དབངམོ་གི་པར༽

Loading

𝐈𝐧𝐚𝐮𝐠𝐮𝐫𝐚𝐭𝐢𝐨𝐧 𝐨𝐟 𝐍𝐚𝐤𝐮𝐥𝐮 𝐃𝐨𝐠 𝐒𝐡𝐞𝐥𝐭𝐞𝐫

𝟐𝟏 𝐉𝐮𝐥𝐲 𝟐𝟎𝟐𝟑: On 19 July 2023, the Laytshog Lopen of the Central Monastic Body officially inaugurated the Nakulu Dog Shelter in Thimphu. The event was also attended by the Director of the Department of Livestock, Core Group Members of the Nation-wide Accelerated Dog Population Management and Rabies Control Program (NADPM & RCP), as well as animal welfare enthusiasts and advocates.

The establishment of the Nakulu Dog Shelter is a crucial component of the NADPM & RCP program’s dog population management strategy, specifically aimed at addressing the issue of aggressive free-roaming dogs. The Department of Livestock, having registered the two-acre land for this purpose, collaborated with a group of dedicated animal lovers led by Zeus for stray & homeless dog to assume responsibility for the welfare of dogs.

The Nakulu dog shelter consists of four enclosures with three dogs kennel in each enclosure with a capacity to accommodate over 400 dogs. The shelter also has isolation facility for sick, weak and senile dogs. There are approximately 360 dogs in the shelter as of now and are all sterilized and vaccinated. The shelter has been operational for last seven months, incurring an approximate monthly expense of Nu. 300,000 to sustain and care for the current population of dogs. The Department of Livestock has assumed the responsibilities of providing health care for these dogs in the shelter.

𝐑𝐞𝐩𝐨𝐫𝐭𝐞𝐝 𝐛𝐲: Dr. Narapati Dahal (Specialist, Animal Health Division, DoL)

Loading